Page 112 - Dechencholing HSS dairy 2023
P. 112
Dechencholing Higher Secondary School
སློོབ་གྲྭའི་བསྟོད་གླུ།
Dechencholing Theme Song
སྨན་ལྗོངས་ཆོས་ལྡན་འབྲུག་ཡུལ་སྐྱིད་པའི་ས་གཞི་འདི་ནང་།། མཐུ་ཆེན་བླ་མ་ངག་དབང་རྣམ་རྒྱལ་ཐུགས་རྗེ་མཚོོ་མོ་
ལས།། མི་དབང་རིམ་པར་བྱོན་པའི་ནོར་བུའི་བཀའ་དྲིན་གྱིས།། རིག་རྩལ་སྤེལ་བའི་སློོབ་གྲྭ་ལེ་ཤ་བཙུགས་གནང་
ཡོོད།།
ཨྱོོན་པདྨའི་བཀའ་སྲུང་དགེ་བསྙེན་ཆེན་པོའི་སྐྱེད་ཚོལ།། བླ་མ་ངག་དབང་ཆོས་རྒྱལ་གདན་ས་སྤང་རི་ཟོམ་པ། མི་དབང་
རྒྱལ་རབ་བཞི་པ་འཁྲུངས་པའི་ཉེ་འདབས་འདི་ནང་།། བདེ་ཆེན་ཆོས་གླིང་སློོབ་གྲྭའི་མཚོན་གྱི་སྙན་གྲགས་བྱུང་ཡོོད།།
Chorus: ལུས་དང་སེམས་ལུ་གཞི་བདེ་ཐོོབ་པ་བདེ་ཆེན།། ཤེས་ཡོོན་ཟུང་འབྲེལ་ཐོོབ་པའི་ས་གནས་ཆོས་གླིང་།།
དགའ་སྐྱིད་ལྡན་པའི་སློོབ་གྲྭ་ཡུན་དུ་བརྟན་པར་ཤོག། ༢
ོ
ཕྱིའི་ཁ་དོག་ནོར་བུ་ད་ཤལ་ཚུ་ལས་བསྒྲུབ་པའི།། ནང་དུ་ཤེས་ཡོོན་སྣ་ཚོོགས་ཕུན་སུམ་ཚོོགས་པའི་སློོབ་གྲྭ་ནང་།། སྦྱང་
བརྩོན་ཆེ་བའི་ང་བཅས་སློོབ་དཔོན་སློོབ་ཕྲུག་ཡོོངས།། དུས་རྒྱུན་ཤེས་ཡོོན་འདི་ལུ་བརྩོན་ཤུགས་བསྐྱེད་དེ་ཡོོད།།
ས་སྐྱོང་ཆོས་ཀྱི་དབང་པོས་ཐུགས་ཀྱི་རྒྱུད་ལས་འཁྲུངས་པའི།། རྒྱལ་པོའི་གཙུག་སྡེའི་ནང་ལས་ཤེས་ཡོོན་ཐོབས་རིག་
བཟོང་པོ་ཚུ།། ང་བཅས་བདེ་ཆེན་ཆོས་གླིང་སློོབ་གྲྭའི་སྐྱེད་ཚོལ་འདི་ནང།། གཞི་རྟེན་གསར་པའི་སྨྱུ་གུ་བཙུགས་པ་
སེམས་རེ་དགའ་སོང་།།
Chorus: ལུས་དང་སེམས་ལུ་གཞི་བདེ་ཐོོབ་པ་བདེ་ཆེན།། ཤེས་ཡོོན་ཟུང་འབྲེལ་ཐོོབ་པའི་ས་གནས་ཆོས་གླིང་།།
དགའ་སྐྱིད་ལྡན་པའི་སློོབ་གྲྭ་ཡུན་དུ་བརྟན་པར་ཤོག། ༢
ཚིག་ བཀྲིས་ཆོས་འཕེལ།
©School Diary, DHSS 2023 སློབ་གྲྭའི་ཉིན་དེབ། སྤྱི་ལོ་༢༠༢༣ ཅན་མ 112