Page 36 - Dechencholing HSS dairy 2023
P. 36

Dechencholing Higher Secondary School


          སློོབ་གྲྭ་གི་བཅའ་ཁྲིམས།
          སློོབ་གྲྭ་གི་བཅའ ་ཁྲིམས།
          ༉ སློོབ་གྲྭ་གི་དམིགས་ཡུལ་གཙོ་བོ་རང་ སློོབ་ཕྲུག་ཚུ་ལུ་ཤེས་ཡོོན་བྱིན་ནི་དང་ ཤེས་རིག་ཡོོན་ཏན་ ཁྱད་འཕགས་
          བཟོོ་ནི་རྐྱངམ་ཅིག་མེན་པར་  སློོབ་ཕྲུག་ཚུ་གི་  རྒྱུད་གཤིས་དང་  སྤྱོད་ལམ་གོང་འཕེལ་གཏང་ནི་དེ་ཡོང་  སློོབ་གྲྭའི་
          ལས་དོན་ གལ་ཅན་ཅིག་ཨིན། དེ་འབདཝ་ལས་ སློོབ་ཕྲུག་ཚུ་ རྒྱལ་ཁབ་ཀྱི་མི་ཁུངས་ མཆོག་ཏུ་གྱུར་པ་ཅིག་ལུ་
          འགྱུར་ཐོབས་ཀྱི་ གྲ་སྒྲིག་འབད་ནིའི་དོན་ལུ་ དྲང་སེམས་དང་ ཐོ་དམ་ཚིག་བརྟན་ནི་ དེ་ལས་རང་སོའི་འགན་ཁུར་
          འབག་ཐེགཔ་འབད་ནི་དང་  ལྷག་པར་དུ་ཡོང་  རང་བཞིན་གྱིས་  དྲང་བདེན་ཐོོག་ལུ་གནས་ནི་དང་  གོང་མས་ཅི་
          གསུངས་བཀའ་བཞིན་ དང་ལེན་འབད་ཐོངས་ཀྱི་ ཡོོན་ཏན་ཚུ་ཡོང་ སློོབ་སྟོན་འབད་ནིའི་དམིགས་ཡུལ་ཡོོད།
          དེ་འབདཝ་ལས་  སློོབ་ཕྲུག་ཆ་མཉམ་གྱིས་  སློོབ་གྲྭའི་སྒྲིག་ཁྲིམས་དང་  ཁྲིམས་ཡིག་བཟོོ་སྟེ་ཡོོད་མི་ལུ་གནས་ཏེ་
          བཟོང་པོའི་ལམ་ལུ་ཞུགས་དགོཔ་ཨིན།  སློོབ་གྲྭའི་སྒྲིག་ཁྲིམས་ལུ་མ་གནས་མི་ཚུ་ལུ་  དེ་བསྟུན་གྱི་ཉེས་ཁྲིམས་ཡོང་
          ལག་ལེན་འཐོབ་ནི་ཨིན།


          སྤྱིར་བཏང་ཁྲིམས་ལུགས།
          སྤྱིར ་ བཏང ་ ཁྲིམས་ལུགས།
          ཀ-  སློོབ་གྲྭའི་དུས་ཚོོད་སྐབས་སློོབ་གྲྭའི་གྱོན་ཆས་ཚུལ་མཐུན་གྱོནཏེ་འོང་དགོཔ་མ་ཚོད་  དཀྱི་རས་དང་གོ་ཕྱེད་ཀ་
             འབད་གྱོན་ནི་དང་ ཁོད་སྟོད་བཤུབ་འོང་ནི་ཚུ་མི་ཆོག།
          ཁ-  སློོབ་གྲྭའི་དུས་ཚོོད་དང་བསྟུན་པའི་  རྒྱལ་པོའི་བརྟན་བཞུགས་  དེ་ལས་སློོབ་ཁང་གི་ལཱ་  རྩེད་རིགས་འགྲན་
             བསྡུར་  ཕྱོགས་སྡེའི་ལས་རིམ་ཚུ་ནང་ཚུལ་མཐུན་འབད་  བཅའ་མར་གཏོགས་པར་  ལྷོདཔ་འབད་འོང་དགོཔ་
             ཨིན།
          ག-  སློོབ་ཁང་ནང་གི་ ཅ་ཆས་དང་གཞོན་ཡོང་ གློག་མེ་འཕྲུལ་ཆས་ཀྱི་རིགས་ཚུ་ བདག་འཛིན་ལེགས་ཤོམ་འབད་
             འཐོབ་དགོ། གལ་སྲིད་ཚུལ་མིན་གྱི་ ལཱ་འབད་མི་ ཐོོན་སོང་པ་ཅིན་ཉེས་ཁྲིམས་ཕོག།
          ང-  སྨྱོོ་རྫོས་ཀྱི་རིགས་ ཆང་དང་ཏམ་ཁུ་ ཁའི་ནི་རྡོོག་མ་ ཤོ་སྟག་ཟེ་ཚུ་ ལག་ལེན་འཐོབ་མི་ཆོག། གལ་སྲིད་དེ་
             བཟུམ་གྱི་ ལཱ་འབད་མི་ཐོོན་པ་ཅིན་ ཁྲིམས་འགལ་སྦོམ་ཅིག་འབད་ ཆ་འཇོག་འབད་ནི་ཨིན།
          ཅ-  སློོབ་གྲྭའི་ནང་ན་ སྲོག་ལུ་སྐྱོན་པའི་མཚོོན་ཆ་ ལྕགས་ཐོག་དང་ གྱི་ཅུང་གི་རིགས་འབག་ འོང་མི་ཆོག།
          ཆ-  སློོབ་གྲྭའི་དུས་ཚོོད་སྐབས་ ཚུལ་མིན་གྱི་ སྐད་ཤུགས་ཐོོག་ལས་ ཞོབས་ཁྲ་འཐེན་ནི་དང་ ངོ་རྒོལ་ལ་སོགས་
             པའི་ སྐད་ངན་འཇིགས་སྐྲག་སྟོན་ནི་ཚུ་མི་ཆོག།
          ཇ-  ཚུལ་མིན་གྱི་ཚོོགས་པ་བཟོོ་སྟེ་ ཁྲིམས་ལུགས་དང་འགལ་བའི་ ངོ་རྒོལ་འབད་མི་ཆོག།
          ཉ-  སློོབ་གྲྭའི་ནང་འཁོད་ལུ་ སྐད་ཡིག་རྫོོང་ཁ་དང་ཨིན་སྐད་གཉིས་ལས་ གཞོན་རྐྱབ་མི་ཆོག།
          ཏ-  ཆོས་རྒྱུགས་སྐབས་ཚུལ་མིན་གྱི་ལཱ་ངན་འབད་བ་ཅིན་ཉེས་འགལ་སྦོམ་ཅིག་འབད་བརྩི་སྟེ་དེ་ལུགས་ཀྱི་ ཉེས་རྒྱ་
             བཀལ་ནི་ཨིན།
          ཐོ-  སློོབ་གྲྭའི་ནང་འཁོད་ལུ་ སྒྲ་འཛིན་འཁོར་ལོའི་རིགས་དང་ གློག་རིག་འཕྲུལ་ཅ་ཆས་ དེ་ལས་པར་རིས་འགྲུལ་
             འཕྲིན་ ཀོ་མིག་ཀི་དེབ་ཚུ་ འབག་འོང་མི་ཆོག།
          ད-  རྐང་རྩེད་དང་ ལག་རྩེད་བཱོོལ་གྱི་རིགས་ཚུ་ སློོབ་ཁང་ནང་ན་དང་ བར་ཁྱམས་ཚུ་ནང་ རྩེད་མི་ཆོག་པའི་ཁར་
             སློོབ་སྟོན་གྱི་དུས་ཚོོད་ལུ་ བཱོོལ་གྱི་རིགས་ཚུ་ ག་ཅི་ཡོང་རྩེད་མི་ཆོག།
          ©School Diary, DHSS 2023            སློབ་གྲྭའི་ཉིན་དེབ། སྤྱི་ལོ་༢༠༢༣ ཅན་མ  36
   31   32   33   34   35   36   37   38   39   40   41