Page 37 - Dechencholing HSS dairy 2023
P. 37
Dechencholing Higher Secondary School
ན- སློོབ་ཕྲུག་ཚུ་སློོབ་གྲྭའི་སྒྲིང་ཁྱིམ་གྱང་དང་སྡོད་ཁྲི་འཁོར་ལམ་ཚུ་ལུ་པ་ཏྲ་བརྐོ་ནི་དང་ཡི་གུ་འབྲི་ནི་ཚུ་འབད་མི་
ཆོག། དེ་བཟུམ་མའི་ཡི་གུ་འདྲ་མིན་སྣ་ཚོོགས་འབྲི་ནི་དེ་ཡོང་སྤྱོད་ངན་གྱི་ལཱ་ཅིག་ཨིནམ་ལས་ ཁྲིམས་འགལ་
སྦོམ་ཅིག་ཨིན།
པ- སློོབ༌ཕྲུག༌བསྐྱལ༌ལེན༌འབད༌མི༌གི༌སྣུམ༌འཁོར༌ཚུ༌ས༌སྒོ༌དང༌པ༌ལས༌ འབྱོན༌པ༌ཅིན༌སྒོ༌ར༌ཁ༌ལས༌
ལོག༌འགྱོ༌ནི༌དང༌ ས༌སྒོ༌གཉིས༌པ༌ལས༌འབྱོན༌པ༌ཅིན༌འཁྲབ་སྟོན་ཁང་གི་འོག་ལས་ལོག་འགྱོ་དགོ།
ཕ- དམིགས་བསལ་གྱི་བཀོད་རྒྱ་ཡོོད་ན་མ་གཏོགས་སློོབ་གྲྭའི་དུས་ཚོོད་ཕྱིས་ཏེ་ཆུ་ཚོོད་གཉིས་ཀྱི་རྒྱབ་ལས་སློོབ་གྲྭའི་
སྒྲིག་གོ་གྱོན་མི་ཆོག།
མ- དབང་བཙོང་འཇིགས་སྐུལ་གྱི་རིགས་དཔེར་ན་དབང་བཙོང་ཐོོག་ལས་བཟོའ་འཐུང་བགོ་སྟེ་བཟོའ་ནི། དངུལ་
བསྡུ་ལེན་ འབད་ནི། སྐྱོན་མིང་བཏོན་ཏེ་འབོ་ནི་ ལ་སོགས་པ་ཚུ་ འབད་མ་ཆོགཔ་ཨིན།
ཙ- སློོབ་གྲྭའི་དུས་ཚོོད་སྐབས་ སློོབ་གྲྭའི་ས་མཚོམས་བརྒལ་ ཕྱི་ཁར་འགྱོ་མི་ཆོག།
ཚོ- སློོབ་ཕྲུག་ག་ར་འབད་རུང་ སློོབ་གྲྭའི་མཐོའ་འཁོར་ཚུ་ གཙང་སྦྲའི་ཐོོག་ལུ་བཞོག་དགོ།
ཛ- སློོབ་གྲྭའི་ཕྱི་ཁར་མཛར་ཅུམ་བཟོའ་བར་འགྱོ་ནི་ཚུ་ཉེན་ཁ་རང་གིས་འབག་དགོཔ་མ་གཏོགས་སློོབ་གྲྭ་གིས་ཉེན་
ཁ་ མི་འབག།
ཝ- བཟོའ་འཐུང་གི་ལྷག་ལུས་དང་གྱིབ་ཤོག་དམ་བྱིས་ཚུ་ག་ལྷོད་མ་བཀོག་བར་ཕྱགས་སྙིགས་སྒྲོམ་ནང་བཀོ་དགོ།
ཞོ- རེས་གཟོའ་མིག་དམར་ལུ་བཀབ་ནེ་རག་ཅུང་བཀབ་དགོཔ་དང་བཀབ་ནེ་རག་ཅུང་དེ་ཡོང་བརྟན་བཞུགས་འགོ་
བཙུགས་ཞིནམ་ལས་ མཇུག་བསྡུ་སྟེ་ སློོབ་ཁང་ནང་མ་ལྷོད་ཚུན་ བཀབ་སྟེ་འགྱོ་དགོ།
ཟོ- སློོབ་ཕྲུག་ཚུ་ ཚུལ་མིན་གྱི་སྐེ་རྒྱན་དང་ སྐྲ་འཆིང་སེར་ཅུང་ སྣ་རྒྱན་ ༼བུཚོ་༽བཟོོ་བཟོོ་ནིའི་སེན་མོའི་བྱུག་
སྨན་ ༼ནེལ་པོ་ལིཤི༽དབུར་ནི་ སེན་མོ་རིངམོ་བཞོག་ནི་ཚུ་ རྩ་ལས་མི་ཆོག། སློོབ་ཕྲུག་ག་ར་ སྐྱ་ཐུང་ཀུ་ཤོ་
སྙོམས་ཏོག་ཏོ་བཞོག་ནི་མ་གཏོགས་ ཟུར་ཁ་ལས་ཐུང་ཀུ་བཏོག་ རྒྱབ་མདུན་ལས་ རིངམོ་བཞོག་ནི་ཚུ་མི་
ཆོག། བུམོ་སྐྱ་རིངམོ་བཞོག་མི་ཚུ་ སྐྱ་བསྡམ་ནིའི་ གྱིབ་སྐུད་གནགཔོ་གིས་ ཧིང་སང་སང་སྦེ་ རྒྱབ་ཁར་
བསྡམ་སྟེ་ བཞོག་དགོ།
བུཚོ་ཚུ་གིས་ སློོབ་གྲྭ་ནང་ལུ་ གོ་ཚུ་རྡོོད་རིལ་རི་འབད་ སྤུས་མོའི་ལྟག་ལས་བཀལ་ཏེ་གྱོན་དགོ་པའི་ཁར་
ཁོད་སྟོད་བཤུབ་སྡོད་ནི་ཚུ་མི་ཆོག།བུམོ་ཚུ་གིས་དཀྱི་ར་ཡོང་རྐང་མའི་ཚིག་ཏོ་ལྟག་ལས་ བཀལ་ཏེ་དཀྱི་དགོཔ་
དང་ དཀྱི་ར་ཕྱེད་ཀ་དཀྱི་ནི་ཚུ་རྩ་ལས་མི་ཆོག།
ོ
འ- སློོབ་ཕྲུག་ཚུ་གིས་བཀོད་རྒྱ་དང་གནང་བ་ཡོོད་ན་མ་གཏགས་སྙན་ཆ་གི་རིགས་ཚུ་ག་ནི་ཡོང་སློོབ་གྲྭ་ནང་འབག་
འོང་མི་ཆོག།
©School Diary, DHSS 2023 སློབ་གྲྭའི་ཉིན་དེབ། སྤྱི་ལོ་༢༠༢༣ ཅན་མ 37